格萨尔

歌手:文章才仁标签:

专辑:格萨尔分类:EP/单曲

作词:土登君乃 作曲:拉杰更松编曲:

人气:47 点击/下载:47/0上传时间:2019-07-28 02:32:24

全部播放 收藏 评论 分享

歌词

གེ་སར་རྒྱལ་པོ།

ཚིག ཐུབ་བསྟན་འབྱུང་གནས།

དབྱངས། ལྷ་རྗེ་ཀུན་བཟང་།

ལེན་མཁན། དབང་གྲགས་ཚེ་རིང་།

 

མི་རྒན།

གླུ་ཨ་ལ་ཨ་ལ་ཨ་ལ་རེད།

ཐ་ལ་ངག་གི་འགུགས་ལུགས་རེད།

གེ་སར་དེ་རྒྱལ་ལ་གསོལ་བ་འདེབས།

དེ་ནས་བྱིན་གྱིས་རླབས་དུ་གསོལ།།ས་འདི་དང་ས་ངོ་མ་ཤེས་ན།

ཁྲ་མོ་གླིང་གི་ས་ཆ་རེད། །

 

བཤད་པ།

དེ་ཡང་ལྷོ་འཛམ་གླིང་ས་ཡི་ལྟེ་བ་རུ།

ཤར་གླིང་དཀར་ལྷ་ཡི་དཀྱིལ་འཁོར་ན།

ཡབ་ཕ་རྒྱུད་གཉན་ནས་མཆེད་པ་དང་།

ཡུམ་མ་རྒྱུད་ཀླུ་ནས་མཆེད་པ་ཡི།

བུ་ལྷ་རྒྱུད་ཇོ་རུ་རྒྱལ་པོ་འཁྲུངས།

འཁྲུངས་སོང་འཁྲུངས་སོང་འཁྲུངས་སོང་།

ཇོ་རུ་རྒྱལ་པོ་འཁྲུངས་སོང་།

ལེགས་སོང་ལེགས་སོང་ལེགས་སོང་།

གེ་སར་ཐོགས་པ་ལེགས་སོང་།

གེ་སར་སར་སྡང་བའི་དགྲ་ལ་སར།

དོན་འགྲུབ་འགྲུབ་ཁྲ་མོ་གླིང་ལ་འགྲུབ། །

 

གླུ་ཚིག་དངོས།

སྔ་མོ་སྔར་གྱི་དུས་ཚོད་ལ།

མཐའ་བཞི་མཚོན་ཁ་འཁྲུག་པའི་སྐབས།

གེ་སར་ནོར་བུ་དགྲ་འདུལ་འཁྲུངས།

གཟུགས་ཅན་དགྲ་བོ་ཆོམས་ལ་ཕབ།

གཟུགས་མེད་འདྲེ་རྒོད་དམ་ལ་བཏགས།

ཁམས་གསུམ་རིགས་དྲུག་བདེ་ལ་བཀོད།

གླུ་ཨ་ལ་ཨ་ལ་ཨ་ལ་རེད།

གླུ་ཐ་ལ་ལ་མོ་ཐ་ལ་རེད།

གླུ་ཨ་ལ་ཨ་ལ་ཨ་ལ་རེད།

ཐ་ལ་གླུ་ཡི་ལེན་ལུགས་རེད།

ངག་དབང་དགེ་ལེགས།

ཡ་།མཐོ་ཡ་ཀི་སྲིད་རྩེ་མན་ཆད་ནས།

དམའ་མ་ཀི་དམྱལ་ཁམས་ཡན་ཆད་ལ།

བུ་ཟེར་བ་གེ་སར་རྒྱལ་པོ་རེད།

འདི་འཛམ་གླིང་མི་ཡི་ཉི་མ་རེད།

གླུ་ཨ་ལ་ཨ་ལ་ཨ་ལ་རེད།

ཐ་ལ་གླུ་ཡི་ལེན་ལུགས་རེད།

བུ་ཟེར་བ་གེ་སར་རྒྱལ་པོ་རེད།

འདི་འཛམ་གླིང་མི་ཡི་ཉི་མ་རེད། །

སྐྱོར་ལེན། ཉི་མ་བདེ་སྐྱིད།

གླུ་གོ་ན་རྣ་བའི་བུ་རམ་རེད།

མ་གོ་གླུ་ལ་འབྲེལ་བ་མེད།

བཤད་པ།

འཛམ་གླིང་མི་ཡི་ཉི་མ།

སྐྱེས་མཆོག་གེ་སར་རྒྱལ་པོ་དེ།

ཕ་ཡབ་སེང་བློན་རྒྱལ་པོ་རེད།

མ་ཡུམ་འགོག་བཟའ་ལྷ་མོ་རེད།

གཏན་གྲོགས་སེང་ལྕམ་འབྲུག་མོ་རེད།

ཕུ་བོ་རྒྱ་ཚ་ཞལ་དཀར་རེད།

ནུ་བོ་རང་ཚ་རྨ་ལེབ་རེད།

གེ་སར། གེ་སར།

འཁྲུངས་སོང་འཁྲུངས་སོང་འཁྲུངས་སོང་།

ཇོ་རུ་རྒྱལ་པོ་འཁྲུངས་སོང་།

ལེགས་སོང་ལེགས་སོང་ལེགས་སོང་།

གེ་སར་ཐོགས་པ་ལེགས་སོང་།

གེ་སར་སར་སྡང་བའི་དགྲ་ལ་སར།

དོན་འགྲུབ་འགྲུབ་ཁྲ་མོ་གླིང་ལ་འགྲུབ།

གླུ་ཚིག་དངོས།

སྔ་མོ་སྔར་གྱི་དུས་ཤིག་ལ།

ཡུལ་ཁམས་སྡུག་གིས་ནོན་པའི་སྐབས།

སྐྱེས་མཆོག་གེ་སར་རྒྱལ་པོ་འཁྲུངས།

བཙན་པོ་མི་རྒོད་གཉའ་ནས་མནན།

ཉམས་ཆུང་ནུས་མེད་མཐའ་ནས་སྐྱོང་།

འགྲོ་ཁམས་བདེ་སྐྱིད་དཔལ་ལ་བཀོད།

གླུ་ཨ་ལ་ཨ་ལ་ཨ་ལ་རེད།

གླུ་ཐ་ལ་ལ་མོ་ཐ་ལ་རེད།

གླུ་ཨ་ལ་ཨ་ལ་ཨ་ལ་རེད།

ཐ་ལ་གླུ་ཡི་ལེན་ལུགས་རེད། །

 

ངག་དབང་དགེ་ལེགས།

ཡ་་།

མཐོ་ཨ་སྔོན་གནམ་གྱི་མར་འོག་དང་།

དམའ་དོག་མོ་ས་ཡི་ཡར་སྟེང་ལ།

བུ་ཟེར་བ་གེ་སར་རྒྱལ་པོ་རེད།

འདི་འཛམ་གླིང་མི་ཡི་ཉི་མ་རེད།

གླུ་ཨ་ལ་ཨ་ལ་ཨ་ལ་རེད།

ཐ་ལ་གླུ་ཡི་ལེན་ལུགས་རེད།

བུ་ཟེར་བ་གེ་སར་རྒྱལ་པོ་རེད།

འདི་འཛམ་གླིང་མི་ཡི་ཉི་མ་རེད།

སྭོ་་།

[查看完整]

留言评论

  加载评论内容,请稍等......