藏家姑娘(伴奏)

歌手:央格卓玛标签:

专辑:藏家姑娘分类:EP/单曲

作词:央格卓玛 作曲:央格卓玛郎甲·曲迈才让编曲:

人气:12 点击/下载:12/0上传时间:2019-08-08 05:31:56

全部播放 收藏 评论 分享

歌词

བོད་པའི་བུ་མོ།


ཚིག  གཡང་དཀར་སྒྲོལ་མ།

དབྱངས།  གླིང་རྒྱལ་འཆི་མེད་ཚེ་རིང་། 

གཞས་མ།  གཡང་དཀར་སྒྲོལ་མ།

རོལ་དབྱངས།  ན་མོ།

སྒྲ་བརྙན།  མགོན་པོ་དབང་རྒྱལ།

པི་ཝང་།  སྐལ་བཟང་ནོར་བུ།



བུ་མོའི་སྐྲ་ལོ་འཇམ་པོ།།

རྒྱ་ལྕང་ལོ་མ་འདྲ་བྱུང་།།

ཨ་ཙི་གངས་ལྷ་མེ་ཏོག།

བུ་མོའི་སྐྲ་ལོ་བརྒྱན་པ།།


བུ་མོའི་ཁྲ་ཆུང་མིག་ཟུང་།།

ཐོ་རེངས་སྐར་ཆེན་འདྲ་བྱུང་།།

ཟུར་མིག་གེ་སར་མདའ་མོ།།

མཆོད་ཆང་ལས་ཀྱང་དྲག་པ།།


བུ་མོའི་མཁུར་ཚོས་གཉིས་པོ།།

དམར་ཆུང་བྱུ་རུ་འདྲ་བྱུང་།།

དམར་ཆུང་བྱུ་རུའི་ངོས་ན།།

བུ་མོའི་ལང་ཚོ་དར་བ།།


བུ་མོའི་སྐྱེ་གཟུགས་ཕྲ་མོ།།

ཚིགས་དྲུག་སྨྱུག་མ་འདྲ་བྱུང་།།

ཕྱེ་མ་སྤུ་ཕྲུག་དཀར་པོ།།

བུ་མོའི་སྐུ་ལུས་མཚར་བ།།


བུ་མོའི་གཤིས་ཀ་ཡག་པོ།།

སྤྲི་དཀར་འོ་མ་འདྲ་བྱུང་།།

སྤྲི་དཀར་འོ་མའི་བྲོ་བ།།

སྟག་ཤར་གཞོན་པའི་འདོད་རེད།།

[查看完整]

留言评论

  加载评论内容,请稍等......