生命

歌手:黑土地组合标签:

专辑:干就完了【藏语版】分类:EP/单曲

作词: 作曲:编曲:

人气:13 点击/下载:13/0上传时间:2020-06-09 12:41:13

全部播放 收藏 评论 分享

歌词

རིགས་ཀྱི་བླ་སྲོག

གཞས་ཚིག ཚེ་དཔག་རྣམ་རྒྱལ།

གཞས་གདངས སྒྲོལ་མ་སྐྱབས།

གཞས་མཁན ས་ནག་གཞས་ཚོགས།

མི་རིགས་ཤིག་གི་དར་རྒུད་ཁྲོད་ན།།

དང་པོ་སྲོག་གི་དྭངས་མ་རྩོམ་ས།།

ཕ་མེས་རུས་རྐང་གསེར་གྱི་ཐིགས་པ།།

རིགས་ཀྱི་བླ་སྲོག་སྐད་དང་ཡི་གེ།

ཨོ ཤོར་མི་ཉན སྲོག་གི་དྭངས་མ

ཨོ འབོར་མི་ཉན གསེར་གྱི་ཐིགས་པ

ཨོ རིགས་ཀྱི་བླ་སྲོག

མི་རིགས་ཤིག་གི་དར་རྒུད་ཁྲོད་ན།།

བར་དུ་མི་འབྱེད་འོད་ཀྱི་ཐུར་མ།།

ཨ་མའི་ནུ་ཞོ་མངར་མོའི་ཉིང་བཅུད།།

རིགས་ཀྱི་བླ་སྲོག་སྐད་དང་ཡི་གེ།

ཨོ གཅོག་མི་ཉན འོད་ཀྱི་ཐུར་མ

ཨོ སྦག་མི་ཉན ནུ་ཞོ་མངར་མོ

ཨོ རིགས་ཀྱི་བླ་སྲོག

མི་རིགས་ཤིག་གི་དར་རྒུད་ཁྲོད་ན།།

ཐ་མར་འབྱུང་བཞིའི་ཁམས་ལ་འཐིམ་ས།།

འཚེ་མེད་རིག་པའི་གནམ་འདེགས་ཀ་བ།།

རིགས་ཀྱི་བླ་སྲོག་སྐད་དང་ཡི་གེ།

ཨོ འཇིག་མི་ཉན འབྱུང་འདུས་ལུས་ཁམས

ཨོ གཏོར་མི་ཉན གནམ་འདེགས་ཀ་བ

ཨོ རིགས་ཀྱི་བླ་སྲོག

[查看完整]

留言评论

  加载评论内容,请稍等......