雪域儿女

歌手:黑土地组合标签:

专辑:献给大地母亲的歌分类:EP/单曲

作词: 作曲:编曲:

人气:22 点击/下载:22/0上传时间:2020-06-09 12:43:20

全部播放 收藏 评论 分享

歌词

གངས་དཀར་ཨ་མའི་གཅེས་ཕྲུག

གཞས་ཚིག ཚེ་དཔག་རྣམ་རྒྱལ།

གཞས་གདངས པད་མ།

གཞས་མཁན ས་ནག་གཞས་ཚོགས།

ལང་ཚོའི་མེ་ཏོག་གསེར་གྱིས་བྲན་པའི་སློབ་ར་ནས

འོད་ཀྱི་ཕུགས་འདུན་སེམས་ལ་ཉར

ཞོགས་པའི་སྐྱ་རེངས་འཛུམ་གྱིས་བསུ

ནམ་ཡང་དལ་ལྷོད་མེད་པར

མདུན་སྐྱོད་མདུན་སྐྱོད་ཀྱི་ལག་རྡང་སྦྲེལ་བཞིན

མ་འོངས་འབྱུང་འགྱུར་ལ་མདུན་ནས་མདུན་དུ་སྐྱོད

ཡ་རབས་བཟང་པོའི་མི་རིགས

གཞིས་ཁྱིམ་དཀར་བོའི་རྒྱུད་འཛིན

ཁ་བ་ཅན་གྱི་རེ་བཞག

ང་ཚོ་གངས་དཀར་ཨ་མའི་གཅེས་ཕྲུག་ཡིན

མདུན་མའི་གཤོག་ཟུང་སྙིང་ལ་ཐོགས་པའི་སློབ་ར་ནས

རིག་པའི་མེ་དཔུང་ཕྱག་གིས་བཏེགས

ཞི་བདེའི་གུར་ཁྱིམ་འཛུམ་ཀྱིས་བསུ

ནམ་ཡང་ཞེད་སྣང་མེད་པར

མདུན་སྐྱོད་མདུན་སྐྱོད་ཀྱི་སྙིང་སྟོབས་སྒྲོག་བཞིན

མ་འོངས་འབྱུང་འགྱུར་ལ་མདུན་ནས་མདུན་དུ་སྐྱོད

ཡ་རབས་བཟང་པོའི་མི་རིགས

གཞིས་ཁྱིམ་དཀར་བོའི་རྒྱུད་འཛིན

ཁ་བ་ཅན་གྱི་རེ་བཞག

ང་ཚོ་གངས་དཀར་ཨ་མའི་གཅེས་ཕྲུག་ཡིན

[查看完整]

留言评论

  加载评论内容,请稍等......