糌粑

歌手:黑土地组合标签:

专辑:献给大地母亲的歌分类:EP/单曲

作词: 作曲:编曲:

人气:7 点击/下载:7/0上传时间:2020-06-09 12:45:08

全部播放 收藏 评论 分享

歌词

༄༅། །རྩམ་པ།

གཞས་ཚིག སྒོམ་པ་བཀྲ་ཤིས།

གཞས་གདངས ཚུལ་ཁྲིམས།

གཞས་མཁན ས་ནག་གཞས་ཚོགས།

རྗེ་བཙུན་སྒྲོལ་མས་བོད་ཁམས་གླིང་དགུ་ཡི། །

མ་སངས་སྤུན་དགུའི་བུ་རྒྱུད་སྤྱི་སྐལ་དུ། །

རྫུ་འཕྲུལ་མཐུ་ཡིས་བཏབ་པའི་སྔོན་མོ་ནས། །

སྲིད་པའི་གནམ་སའི་བཅུད་ཀྱིས་བསྐྱངས་ནས་འཁྲུངས། །

དེ་ཕྱིར་ཟས་མཆོག་རྩམ་པ་ཟ་བའི་ལུས་ན་མདངས་ཤིག་ཡོད། །

ཞིམ་ཞིམ་འདྲ་བའི་ཟས་རིགས་མང་ན་ཡང་། །

མགོན་སྐྱབས་ལྷ་ཡི་མཆོད་རྫས་རྩམ་པ་ཡིན། །

མགོ་ནག་མི་ཡི་ཁ་ཟས་རྩམ་པ་ཡིན། །

ཨ་མའི་བྱམས་བརྩེས་འཐག་པའི་རྩམ་པར་འགྲན་ནུས་མེད། །

སྤྱན་རས་གཟིགས་ཀྱིས་གངས་རིའི་ལྗོངས་ཆེན་གྱི། །

དབུ་ནག་མི་འུ་གདུང་དྲུག་ཟས་སྐལ་དུ། །

ཐུགས་རྗེ་ཕྱག་གིས་བཏབ་པའི་དཀར་མོ་ནས། །

ཉི་ཟླའི་གཟི་བྱིན་འོད་ཀྱིས་བསྐྱངས་ནས་འཁྲུངས། །

དེ་ཕྱིར་སྦྲང་དཀར་རྩམ་པ་ཟ་བའི་སྐད་ལ་སྙན་ཞིག་ཡོད། །

ཞིམ་ཞིམ་འདྲ་བའི་ཟས་རིགས་མང་ན་ཡང་། །

གསལ་རིག་སེམས་ཀྱི་ལོངས་སྤྱོད་རྩམ་པ་ཡིན། །

རྒས་མེད་ལུས་ཀྱི་འཚོ་རྟེན་རྩམ་པ་ཡིན། །

ཨ་ཕའི་རེ་བས་བརྫིས་པའི་རྩམ་པར་དོ་ཟླ་མེད། །

སྔོན་བྱོན་མེས་པོས་ཆོལ་ཁ་ཁག་གསུམ་གྱི །

རང་རིགས་བུ་རབས་ཚ་རྒྱུད་ལྟོ་ཆས་སུ། །

ཤེས་རིག་བློ་ཡིས་བཏབ་པའི་ལྷ་ཡི་ནས། །

དྭངས་གཙང་གངས་ཆུའི་རྒྱུན་གྱིས་བསྐྱངས་ནས་འཁྲུངས། །

[查看完整]

留言评论

  加载评论内容,请稍等......