松赞干布

歌手:黑土地组合标签:

专辑:献给大地母亲的歌分类:EP/单曲

作词: 作曲:编曲:

人气:9 点击/下载:9/0上传时间:2020-06-09 12:51:24

全部播放 收藏 评论 分享

歌词

སྲོང་བཙན་སྒམ་པོ།

གཞས་ཚིག སྒོམ་པ་བཀྲ་ཤིས།

གཞས་གདངས འཇའ་བྷེ།

གཞས་མཁན ས་ནག་གཞས་ཚོགས།

དམར་པོ་རི་ཡི་ཕྲག་གོང་ན་བརྗིད་པའི།།

སེར་པོ་གསེར་གྱི་བ་གམ་གྱིས་བརྒྱན་པའི།།

གྲུ་འཛིན་ཕོ་བྲང་གི་རྔམ་ཟིལ་མཐོང་དུས།།

ཁྱེད་རང་དྲན་བྱུང་།

སྲོང་བཙན་སྒམ་པོ།

ཨེ་ཤར་གླིང་གི་ལྷོ་ནུབ་ན་ཆགས་པའི།།

གངས་ཀྱི་ར་བས་ཟླུམ་པོ་རུ་བསྐོར་བའི།།

མདོ་དབུས་མཐོ་སྒང་གི་མཚར་སྡུག་མཐོང་དུས།།

ཁྱེད་རང་དྲན་བྱུང་།

སྲོང་བཙན་སྒམ་པོ།

ཨོ་ཧོ་ཧོ རྒྱལ་མཆོག་མི་ཡི་ཉི་མ།

རྒྱལ་མཆོག་མིག་མི་འཛུམ་པ།

སྲོང་བཙན་སྒམ་པོ།

ཁྱེད་རང་དྲན་བྱུང་།

ཀ་མེད་སུམ་ཅུའི་འཕྲུལ་འདེགས་ལ་བརྟེན་པའི།།

གཟི་འོད་འབར་བའི་རིག་གནས་ཀྱིས་ཕྱུག་པའི།།

སྒང་བ་བོད་མི་ཡི་ལོ་རྒྱུས་ཀློག་དུས།།

ཁྱེད་རང་དྲན་བྱུང་།

སྲོང་བཙན་སྒམ་པོ།

ངོ་མཚར་མཛད་རྗེས་ས་སྟེང་ལ་བཞག་པའི།།

སྙན་པའི་གྲགས་པ་འཛམ་གླིང་ན་འབར་བའི།།

བཙན་པོའི་གདུང་རབས་ཀྱི་མཛད་འཕྲིན་བསམ་དུས།།

ཁྱེད་རང་དྲན་བྱུང་།

སྲོང་བཙན་སྒམ་པོ།

ཨོ་ཧོ་ཧོ རྒྱལ་མཆོག་མི་ཡི་དབང་བོ།

རྒྱལ་མཆོག་ལྷ་ཡི་སྲས་པོ།

སྲོང་བཙན་སྒམ་པོ།

ཁྱེད་རང་དྲན་བྱུང་།

[查看完整]

留言评论

  加载评论内容,请稍等......