相聚

歌手:更桑多杰标签:

专辑:相聚分类:EP/单曲

作词:仓央嘉措 作曲:郎甲曲迈才让编曲:

人气:32 点击/下载:32/0上传时间:2020-11-02 13:45:28

全部播放 收藏 评论 分享

歌词

དགྱེས་འཛོམས།


ཚིག ཚངས་དབྱངས་རྒྱ་མཚོ།

དབྱངས། གླིང་རྒྱལ་འཆི་མེད་ཚེ་རིང་།

ལེན་མཁན། ཀུན་བཟང་རྡོ་རྗེ།


སྐྱིད་ཀྱི་ལྷ་ཉིན་འདི་ལ། །

ལྷན་རྒྱས་གཞིས་ལ་འཛོམས་སོང་། །

འཛོམས་དར་མགོ་མ་བསྒྲོན་ནས། །

སྐུ་ལ་ཁམས་བདེ་ཞུས་ཡོད། །


སྐྱིད་ཀྱི་ལྷ་ཉིན་འདི་ལ། །

མི་ངོ་ལྷ་ཞལ་འཕྲོད་སོང་། །

འཛོམས་གླུ་དྲུག་འགྱུར་རིང་མོས། །

གླུ་ཡི་སྒོ་མོ་ཕྱེས་ཡོད། །


སྐྱིད་ཀྱི་ལྷ་ཉིན་འདི་ལ། །

སེམས་དང་སེམས་ངོ་འཕྲོད་སོང་། །

འཛོམས་ཆང་སེང་གེའི་འོ་མ། །

དགྱེས་པས་ཧུབ་གསུམ་བཞེས་ཡོད། །


སྐྱིད་ཀྱི་ལྷ་ཉིན་འདི་ལ། །

གཏམ་གྱི་འོ་ཆུ་འདྲེས་སོང་། །

དགྱེས་འཛོམས་བརྩེ་བའི་རུ་མ། །

སྙིང་གི་དཔྱིད་དུ་སིམ་ཡོད། །


བཀྲ་ཤིས་ལྷ་ཉིན་འདི་ལ། །

ཁ་དན་མར་ལོ་འཁྲུངས་སོང་། །

ལྷན་རྒྱས་དབང་ཐང་རི་མོ། །

གཡུང་དྲུང་བཞིན་དུ་བརྟན་ཤོག །


བཀྲ་ཤིས་ལྷ་ཉིན་འདི་ལ། །

འཛོམས་པ་གསེར་ལས་ལྷག་སོང་། །

ལྷན་རྒྱས་ལྷ་ཞལ་མཇལ་བའི། །

རྟེན་འབྲེལ་ཡང་ཡང་བསྒྲིགས་ཡོད། །


[查看完整]

留言评论

  加载评论内容,请稍等......