丹真罗布

  • 藏文名 རྟ་མགྲིན་ནོར་བུ།
  • 中文名 丹真罗布
  • 英文名 -
  • 性别
  • 出生日期 -
  • 血型 -
  • 家乡 -
  • 现居地 -
  • 身高 -
  • 星座 -
  • 毕业院校 -
  • 职业 -
  • 偶像 -
  • 爱好 -
  • 经纪公司 -

རྟ་མགྲིན་ནོར་བུ། 

1992ལོའི་ཟླ་7པར་བོད་ལྗོངས་ལྷ་ས་གྲོང་ཁྱེར་འདམ་གཞུང་རྫོང་དུ་སྐྱེས། ཆུང་དུས་ནས་རོལ་དབྱངས་ལ་དགའ་ཞེན་ཆེ་བས་ད་བར་དུ་རང་ཉིད་ཀྱི་རོལ་དབྱངས་ཀྱི་ཕུགས་བསམ་བློས་གཏོང་བྱས་མེད།  སློབ་གྲྭར་འགྲོ་བའི་བརྒྱུད་རིམ་ནང་། རོལ་དབྱངས་སློབ་སྦྱོང་དང་འཁྲབ་སྟོན་གྱི་གོ་སྐབས་འཚོལ་ཞིང་།2012ལོར་རང་ཉིད་ཀྱི་ཁྱད་ཆོས་ལྡན་པའི་སྐད་ངག་ལས་ལྷ་ས་བརྙན་འཕྲིན་ལས་ཁུངས་ཀྱིས་གཉེར་བའི་“བདེ་སྐྱིད་ལྡན་པའི་ལྷ་ས་”ཞེས་པའི་བོད་ཀྱི་ལོ་གསར་དགོང་ཚོགས་ལ་ཞུགས་ཐུབ་པ་བྱུང་ཡོད། 

སློབ་མཐར་ཕྱིན་ནས་ལས་ཀར་བཞུགས་རྗེས་སྔར་བཞིན་མུ་མཐུད་ཕུགས་བསམ་གྱི་ཆེད་དུ་འབད་བརྩོན་བྱས་ནས་2015ལོར་ལྷ་ས་ཀ་ལ་པིང་ཀ་རིག་གནས་བརྡ་ཁྱབ་ཚད་ཡོད་ཀུང་སིར་གླུ་པའི་མིང་རྟགས་བཀོད་ཅིང་། ལོ་དེར་རང་ཉིད་ཀྱི་གསར་རྩོམ་གླུ་གཞས་ཐོག་མ་“ཁྱིམ་སྒོ་ར་”ཞེས་པ་དེ་བཏོན་ནས་གཞས་དེར་བོད་ཀྱི་གསར་རྩོམ་རོལ་དབྱངས་མཁན་ཚོའི་ཚད་མཐོའི་གདེང་མཇོག་དང་ལྟད་མོ་བ་ཚོའི་དགའ་བསུ་ཆེན་པོ་ཐོབ་ཡོད།

2015ལོར་བོད་ལྗོངས་བརྙན་འཕྲིན་ལས་ཁུངས་ཀྱི《བོད་མེ་སྤྲེལ་ལོའི་ལོ་གསར་མཚན་ཚོགས》ལ་བཞུགས་ཡོད། 

2016ལོའི་ཟླ་10པར་ལྷ་སའི་ཀ་ལ་པིང་ཀ་རིག་གནས་བརྡ་ཁྱབ་ཚད་ཡོད་ཀུང་སི་དང་གན་རྒྱ་མཚམས་བཞག་རྗེས།  ལོ་དེའི་ཟླ་12པར་རང་ཉིད་གླུ་གཞས་གསར་རྩོམ《ངས་མི་ཤེས》ཞེས་པ་དེ་བོད་ཀྱི་ན་གཞོན་གཞས་པ་དབང་འདུས་ཕུན་ཚོགས་དང་ཐེངས་དང་པོར་མཉམ་ལས་གནང་བ་མ་ཟད།  《ངས་མི་ཤེས》ཞེས་པ་དེ་ཡང་བོད་དང་རྒྱལ་ནང་གི་ས་ཕྱོགས་གང་སར་ཁྱབ་པ་དང་དྲ་ཐོག་ནས་གླུ་དེ་ཉན་པའི་གྲངས་ཚད་ཀྱང་ཁྲི་བརྒྱ་ཡན་ཟིན་ཡོད།  གླུ་དེ་ཡང་ཚང་མས་ཉན་རྒྱུར་དགའ་པོ་དང་གཏོང་རྒྱུར་མོས་པའི་ཕུལ་བྱུང་གི་གླུ་ཞིག་ཏུ་གྱུར་ཡོད།  དེ་ཡང་2016ལོའི་བོད་ཀྱི་གླུ་གཞས་དྲ་བའི་ཐོག་ཚང་མས་དགའ་པོ་བྱེད་པའི་གླུ་གཞས་ལ་འདེམས་ཐོན་བྱུང་ཡོད།

2016ལོའི་ཟླ་བ་12པར་《ཁམས་བཟང•ལྷ་སའི་ལོ་གསར་བསུ་བའི་མཚན་ཚོགས》ནང་བཞུགས་མྱོང་།

2016—2017ལོའི་བར་མུ་མཐུད་ནས་སྟོད་ལུང་བདེ་ཆེན་ཆུས་ཀྱིས་ཤུགས་ཆེན་རྒྱབ་སྐྱོར་འོག་རང་ཉིད་ཀྱི་གསར་རྩོམ་གླུ་གཞས《སྟོད་ལུང་གི་བརྩེ་སེམས》དང་《རྩམ་པའི་ཕ་ཡུལ》ལེགས་སྒྲུབ་གནང་།

2017ལོར་ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་ཀྱིས་བསྒྲིགས་བཙུགས་གནང་བའི་《རྩམ་པའི་རིག་གནས་དུས་ཆེན》དུ་བཞུགས་མྱོང་།

2017ལོར《ཁྱིམ•སྒོ་ར》ཞེས་པའི་གླུ་དེ་གནས་མཆོག་གླུ་དབྱངས་ཀྱི་བང་རིམ་ཁྲོད《ལོ་ཧྲིལ་པོའི་ནང་གསན་པ་པོ་རྣམས་ཀྱི་མཉེས་ཤོས་གནང་བའི་བོད་གཞས》སུ་འདེམས་ཐོན་བྱུང་།

2017ལོར་ལྷ་སའི་བརྡ་ཁྱབ་བརྙན་འཕྲིན་ལས་ཁུངས་ནས་སྤེལ་བའི《དཔྱིད་གསར་དུས་ཆེན་དང་བོད་ས་ཁྱི་ལོའི་ལོ་གསར་བརྙན་འཕྲིན་མཉམ་སྤྲོའི་མཚན་ཚོགས》ནང་བཞུགས་མྱོང་།

2017ལོར་བོད་ལྗོངས་བརྙན་འཕྲིན་ལས་ཁུངས་ཀྱིས་སྤེལ་བའི《དཔྱིད་གསར་དུས་ཆེན་དང་བོད་ས་ཁྱི་ལོའི་ལོ་གསར་བརྙན་འཕྲིན་མཉམ་སྤྲོའི་མཚན་ཚོགས》ནང་བཞུགས་མྱོང་།

2018ལོར་བོད་ཀྱི་ལོ་གསར་གྱི་རྟེན་འབྲེལ་མཚོན་བྱེད་དུ་བོད་ཀྱི་ན་གཞོན་གཞས་པ་གྲགས་ཅན་མང་པོ་དང་མཉམ་དུ་གླུ་གཞས《འདོགས་ཁྱི》ཞེས་པ་གསར་རྩོམ་གནང་།

2018ལོར་བོད་ཀྱི་དམངས་སྲོལ་གླུ་གཞས་མཁས་པ་པདྨ་བསྟན་འཛིན་དང་མཉམ་དུ་ཀོང་པོ་གྲོང་ཁྱེར་རྒྱབ་མདའ་རྫོང་གི་རྫོང་གླུ《ཕ་ཡུལ་རྒྱབ་མདའ》ཞེས་པའི་གླུ་དེའི་གསར་རྩོམ་གྱི་ལས་སུ་བཞུགས།

བརྩམས་ཆོས་གཙོ་བོ།《ཁྱིམ•སྒོ་རྭ》《ངས་མི་ཤེས》《འུར་ཡ》《ལྷ་ས》《གླིང་ག》སོགས་མང་པོ་ཡོད།

[查看完整]