吉祥新年

歌手:嘉华标签:

专辑:吉祥新年分类:EP/单曲

作词:嘉华 作曲:三智才让编曲:

人气:36 点击/下载:36/0上传时间:2020-05-08 18:23:25

全部播放 收藏 评论 分享

歌词

吉祥新年 - 嘉华

词:嘉华

曲:三智才让

ཞོགས་པའི་སྐྱ་རེངས་དལ་གྱིས་བཀྱགས་པའི་དུས།

མཐོན་པོ་རི་གསུམ་རྩེ་ནས་བསང་ཞིག་འཕུད།

ཞིམ་མངར་བདུད་རྩི་བསིལ་མའི་ཆབ་ཅིག་གཏོར།

གནམ་ལོ་གཡང་གིས་ཚེས་པའི་མཆོད་པ་ཡིན།

རྟེན་འབྲེལ་གཡང་འཁྱིལ་གནམ་ལོ་གསར་བ་ལ།།

ཞི་བདེའི་རྒྱལ་མཚན་རྟག་ཏུ་བརྟན་པ་དང་།

ཕྱི་ནང་སྣོད་ཀྱི་བཀྲག་མདངས་རྒྱས་གྱུར་ནས།

མ་འོངས་གངས་ལྗོངས་སྲིད་ལས་རྣམ་རྒྱལ་ཤོག

ཨེ་མ་ཧོ་་་་དགའ་བ་ལ་་་་སྐྱིད་པ་ལ་་་་།

དེ་རིང་ང་ཚོ་བོད་པའི་ལོ་གསར་རེད།

དེ་རིང་ང་ཚོའི་སྐྱིད་པའི་ལོ་གསར་རེད།

༗རོལ་དབྱངས༗

ནངས་མོའི་ཉི་ཟེར་མཁའ་ལ་འཕགས་པའི་དུས།།

པ་ཏྲའི་ཕྱིང་གདན་དཀྱིལ་ནས་གཞས་ཤིག་གཏོང་།།

ལྷག་བསམ་ཁ་བཏགས་དཀར་པོའི་སྐྱེས་ཤིག་འབུལ།།

གནམ་ལོ་སྐྱིད་ཀྱིས་ཚེས་པའི་མཆོད་པ་ཡིན།།

རྟེན་འབྲེལ་སྐྱིད་ཀྱི་གནམ་ལོ་གསར་བ་ལ།།

ཆོས་སྲིད་དར་རྒྱས་གཡུང་དྲུང་འཁྱིལ་བ་དང་།།

ཤེས་རིག་རྩལ་གྱི་བུམ་བཟང་གང་གྱུར་ནས།།

མ་འོངས་གངས་ལྗོངས་གླིང་ལ་དར་གྱུར་ཅིག།

ཨེ་མ་ཧོ་་་་དགའ་བ་ལ་་་་སྐྱིད་པ་ལ་་་་།

དེ་རིང་ང་ཚོ་བོད་པའི་ལོ་གསར་རེད།

དེ་རིང་ང་ཚོའི་སྐྱིད་པའི་ལོ་གསར་རེད།

[查看完整]

留言评论

  加载评论内容,请稍等......