ཚིག་གངས་དཔལ་གྱིས་བརྩམས།
岗华作词
དབྱངས་ཡེ་ཤེས་ཕུན་ཚོགས་ནས་བརྩམས།
益西平措作曲
གཞས་མགོ་ལོག་པད་མཚོས་བླངས།
果洛班措演唱
རོལ་མོ་བ། བཀྲ་ཤིས་རྡོ་རྗེ།
编曲:扎西多杰
སྒྲ་ཕབ་ཞིབ་སྦྱོར་བ། རི་ལུང་ཐར།
录音/后期:任郎泰
བརྙན་ཕབ། ཨ་མཆོག
摄影:阿曲
བརྙན་རིས་སྒྲིག་བཟོ། ཨ་མཆོག
视频剪辑/调色:阿曲
སྐྱེས་མ་འཁྲབ་སྟོན་པ། མདོ་བ་སྒྲོན་པེ།
女演员:多哇卓贝
སྤྱིའི་ལྟ་སྐུལ་པ། མགོ་ལོག་བརྒྱངས་དཀྲོལ།
总策划:果洛古筝
སྨན་གནས་འགྲོ་ངང་བ་སེར་པོ་འདྲ། །
གནས་འགྲོ་ཁར་ཕ་མར་ཞེ་རེ་ཆགས། །
མཚོ་སྔོན་པོ་ཕ་མའི་སྐུ་ཚབ་རེད། །
མཚོ་དར་ཁ་ཆགས་དུས་ཕ་མ་དྲན། །
སྨན་གནས་འགྲོ་བྱིའུ་ཆུང་འཇོལ་མོ་འདྲ། །
གནས་འགྲོ་ཁར་ཡུལ་ལ་ཞེ་རེ་ཆགས། །
ནགས་རྒྱུས་མེད་ཡུལ་གྱི་སྐུ་ཚབ་རེད། །
ཤིང་ཚེར་མས་གཡོགས་དུས་རང་ཡུལ་དྲན། །
སྨན་གནས་འགྲོ་དབྱར་གསུམ་མེ་ཏོག་འདྲ། །
གནས་འགྲོ་ཁར་རང་སྡེར་ཞེ་རེ་ཆགས། །
གནས་ཆ་མེད་རང་སྡེའི་སྐུ་ཚབ་རེད། །
སེམས་སྨྲེང་སྐྱོ་བྱུང་དུས་རང་སྡེ་དྲན། །
留言评论