གསེར་བྱ་ངང་པ།
ཚིག གྲ་ནང་དངོས་གྲུབ་ནོར་བུ།
གདངས། བདེ་སྐྱིད།
ལེན་མཁན། སྒྲོལ་མ་གཡང་འཛོམས་དང་ནོར་བུ་བསམ་གྲུབ།
༡
བྲག་གསུམ་མཚོ་མོའི་ཁ་ཡི།
གསེར་བྱ་ངང་པ་སྤུན་གཉིས།
གཡུ་མཚོ་སྔོན་མོ་བཞག་ནས།
ཡུལ་ཕྱོགས་གཞན་ལ་མ་ཕེབས།
བྲག་གསུམ་མཚོ་མོའི་ཁ་ཡི།
དངུལ་བྱ་ངང་པ་སྤུན་གཉིས།
གཡུ་མཚོ་སྔོན་མོ་བཞག་ནས།
ཡུལ་ཕྱོགས་གཞན་ལ་མ་ཕེབས།
བཟའ་རྒྱུ་འདམ་ལས་མེད་ཀྱང་།
མཉམ་བཟའ་མཉམ་འཐུང་ཞུས་ཆོག
རང་ཡུལ་སྐྱིད་པོ་འདི་རུ།
མི་ཚེ་མཐའ་འཁྱོལ་གནང་རོགས།
གསེར་བྱ་ངང་པ།
མི་ཚེ་མཐའ་འཁྱོལ་གནང་རོགས།
༢
བྲག་གསུམ་མཚོ་མོའི་ཁ་ཡི།
གཡུ་བྱ་ངང་པ་སྤུན་གཉིས།
གཡུ་མཚོ་སྔོན་མོ་བཞག་ནས།
ཡུལ་ཕྱོགས་གཞན་ལ་མ་ཕེབས།
གལ་ཏེ་ཕེབས་དགོས་བྱུང་ན།
ང་རང་མཉམ་དུ་འཁྲིད་རོགས།
མཛའ་གཅུག་ཕྱི་ཐག་རིང་བའི།
དབུ་མནའ་བཞེས་རོགས་གནང་དང་།
གསེར་བྱ་ངང་པ།
དབུ་མནའ་བཞེས་རོགས་གནང་དང་།
[查看完整]
留言评论